ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོའི་གྲོས་བསྡུར།


འདས་པའི་ཉི་མ་གཉིས་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་འདུ་ཚོགས་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཁས་ལེན་བྱས་པའི་དམག་དོན་འགྲོ་གྲོན་ཆ་ཚང་ཞིག་གཏོང་གི་མི་འདུག ཨ་མི་རི་ཀས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགྲོ་གྲོན་མང་ཆེ་བ་གཏོང་དགོས་པའི་རྡོག་ཁྲེས་ཁུར་དགོས་པ་འོས་འཚམས་མིན་པ་དང་། འཇར་མན་ཎི་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པའང་དྲང་སྙོམས་ཤིག་མིན་ཞེས་སྐྱོན་བརྗོད་བྱས་ཡོད་ཅིང་། ལྷག་པར་དུ་སྲིད་འཛིན་ཌོ་ནལ་ཊོམ་གྱིས་མི་ཚོགས་ཁྲོད་དུ་མོང་ཊི་ནེག་རུའི་སྲིད་བློན་ལ་རྒྱལ་ལོགས་སུ་འཐེན་པ་དང་། ཁོ་པ་མདུན་ཕྱོགས་སུ་ཐོན་ནས་རྫིག་ཉམས་བསྟན་ཏེ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཚོ་གྲོས་མོལ་ཡག་པོ་ཞིག་བྱུང་མེད་མོད། ཡིན་ནའང་དེ་རིང་གཟའ་པ་སངས་ནས་ཚོགས་ཀྱི་ཡོད་པའི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༧་གྱི་ཆེས་མཐོ་འགོ་ཁྲིད་རྣམ་པའི་ཚོགས་ཆེན་ཐོག་ཏུ་གྲོས་བསྡུར་ནན་པོ་དང་ལྷུག་པོ་ཡོང་ཐུབ་པའི་རེ་བ་འཆང་ཡོད་པ་དང་། འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་༧་ནི་དབྱིན་ཇི་དང་ཁེ་ན་ཌ། ཧྥ་རན་སི་དང་འཇར་མན་ཎི། ཨི་ཊ་ལི་དང་ཉི་ཧོང་། ཨ་མི་རི་ཀ་བཅས་ཡིན་པ་དང་། ད་ལོའི་ཚོགས་ཆེན་ཐོག་ཏུ་སི་རི་ཡ་དང་བྱང་ཀོ་རི་ཡ། རྒྱལ་སྤྱིའི་དཔལ་འབྱོར་དང་སྐྱབས་བཅོལ་བའི་གནད་དོན་བཅས་ལའང་གྲོས་བསྡུར་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG