ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ན་གཞོན་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐད་སྲིད་སྐྱོང་མཆོག་གིས་ཐུགས་འཚབ།


རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་མཚོན་པའི་ཆེད་དུ་ དེང་སྐབས་བོད་ནང་ རང་ལུས་མེར་སྲེག་གཏོང་མཁན་ན་གཞོན་ཇེ་མང་དུ་འགྲོ་བཞིན་པའི་ཐད་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐུགས་འཚབ་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་གནང་བ་དང་འབྲེལ་ རྒྱ་ནག་གཞུང་ལ་ རང་ལུས་མེར་སྲེག་གཏོང་མཁན་བོད་མི་དེ་རྣམས་ཀྱིས་གཙོས་ བོད་མི་ཡོངས་ཀྱི་རེ་བ་དང་ མངོན་འདོད་ག་རེ་ཡིན་པ་དེ་གསལ་པོ་ངོས་འཛིན་ཐུབ་པ་བྱས་ཏེ་ བོད་མིའི་རེ་བ་དང་ མངོན་འདོད་དེ་དག་གྲུབ་ཐབས་བྱ་རྒྱུའི་དུས་ལ་སླེབས་ཡོད་ཅེས་སྐུལ་འདེད་ནན་པོ་བསྐྱར་དུ་གནང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG