ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཉི་ཧོང་གི་གོང་མ་ཁྲི་བཤོལ་གནང་འཆར་ཡོད་པ།


ཟླ་བ་བཅུའི་གོང་དུ་ཉི་ཧོང་གི་གོང་མ་ཨ་ཀི་ཧི་ཏོས་གང་ཉིད་དགུང་ལོ་བགྲེས་དྲགས་པ་དང་སྐུ་གཟུགས་བདེ་ཐང་མེད་པ། ཉི་ཧོང་གི་གོང་མས་བསྐྱང་དགོས་པའི་མཛད་འགན་ཁག་འཐུས་ཤོར་འགྲོ་བཞིན་འདུག དེར་བརྟེན་ཉི་ཧོང་གི་གྲོས་ཚོགས་ཀྱིས་གོང་མ་ཁྲི་བཤོལ་བྱ་ཆོག་པའི་བཀའ་འཁྲོལ་གནང་རོགས་ཞེས་སྙན་གསེང་ཞུས་ཡོད་ཅིང་། དེ་རིང་གཟའ་པ་སངས་ཉིན་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཚོས་གོང་མ་ཁྲི་བཤོལ་གནང་ཆོག་པའི་སྙན་ཞུ་དེར་མོས་མཐུན་བྱས་པའི་གྲོས་གཞི་ཞིག་ལ་སྲིད་བློན་ཨ་བྷེས་ཆོག་མཆན་བཀོད་དེ། གོང་མ་ཨ་ཀི་ཧི་ཏོ་ཁྲི་བཤོལ་གནང་ཆོག་པ་དང་། ད་ནས་ཡུན་རིང་མི་འགོད་པར་ཉི་ཧོང་གི་གྲོས་ཚོགས་ཧྲིལ་བོས་དགུང་གྲངས་༨༣་ལ་ཕེབས་པའི་གོང་མ་ཨ་ཀི་ཧི་ཏོ་གཅིག་པུ་སྐུ་འཚོ་བཞུགས་སྐབས་སུ་བགྲེས་ཡོལ་ལ་ཕེབས་ཆོག ཁྲི་འཛིན་རྒྱས་སྲས་ན་རུ་ཧི་ཏོ་གོང་མའི་ཁྲི་ལ་ཕེབས་དགོས་པའི་གྲོས་བསྡུར་བྱ་འཆར་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG