ངོ་འཕྲད་བདེ་བའི་དྲ་འབྲེལ།

གཅན་ཚར་རང་སྲེག་ངོ་རྒོལ་བྱུང་འདུག


ཨ་རིའི་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་པ་ལྟར་ན་ཕྱི་ཚེས་༡༩ཉིན་བོད་མདོ་སྨད་གཅན་ཚ་རྫོང་ཐོག་ཏུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ཅིང་། རང་སྲེག་ངོ་རྒོལ་བ་དེ་ལོ་ན་༢༩་ལ་སོན་པའི་བློ་གསལ་ཟེར་པ་ཞིག་ཡིན་འདུག ཁོང་གིས་གཅན་ཚ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པའི་རྗེས་སུ་འདས་གྲོངས་སུ་གྱུར་པ་དང་། སྐབས་དེར་ཉེན་རྟོག་པ་འབྱོར་ནས་ཕུང་པོ་བཙན་འཁྱེར་གྱིས་ད་དུང་ཡང་བཟའ་མི་ཚོར་རྩིས་སྤྲོད་བྱས་མེད་པ་རེད། ཁ་སང་གི་རང་ལུས་མེར་སྲེག་གཏོང་མཁན་བློ་གསལ་ནི་མདོ་སྨད་གཅན་ཚ་གྱེར་སྟེང་དགོན་པའི་གྲྭ་པ་ཡིན་ཞིང་། རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་གཅན་ཚ་ནི་མཚོ་སྔོན་ཞིང་ཆེན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་བགོས་ཡོད་པ་རེད། །

XS
SM
MD
LG