ངོ་འཕྲད་བདེ་བའི་དྲ་འབྲེལ།

ཌོ་ནོལ་ཁྲ་རམ་གྱིས་མེ་ཁེལ་ཧྤུ་ལིན་ལ་ཞིབ་འཇུག་མ་བྱ་ཟེར་ཡོད་དམ།


བདུན་ཕྲག་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་ཇཱེམ་སི་ཁོ་མེ་གནས་དབྱུང་བཏང་ཡོད་ཅིང་། ཇཱེམ་སི་ཁོ་མེ་གནས་དབྱུང་གཏོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་སྔ་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྟེ། ད་ལྟའི་སྲིད་འཛིན་ལས་ཐོག་ཌོ་ནལ་ཊོམ་གྱི་ལས་མི་ཚོ་དང་ཨུ་རུ་སུ་ཁ་མཐུན་བྱས་ནས་ཨ་རིའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི། ཧི་ལ་རི་ཁེ་ལིན་ཊོན་གྱི་སྐྱོན་མཚང་སྔོག་ནས་མང་ཚོགས་ལ་བཀྲམ་ཡོད་མེད་དང་། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཨུ་རུ་སུས་ཐེ་གཏོགས་བྱས་ཡོད་མེད། སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་གནས་དབྱུང་གཏོང་དགོས་བྱུང་བའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཟུར་པ་མེ་ཁེལ་ཧྥི་ལིན་དང་ཨུ་རུ་སུ་གཉིས་ལ་འབྲེལ་བ་ཅི་ཞིག་ཡོད་མེད་ཞིབ་འཇུག་བྱེད་ཀྱི་ཡོད་པ་བཅས་ལ་ཐུག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། མེ་ཁེལ་ཧྥུ་ལིན་༢༠༡༦་གི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནོལ་ཁྲ་རམ་གྱི་འོས་འདེམས་ལས་འགུལ་རུ་ཁག་གི་ལས་སྣེ་གཙོ་གྲས་ཤིག་མོད། འོན་ཀྱང་ཕྱི་ཟླ་༢་ཚེས་༡༤་ཉིན་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་མེ་ཁེལ་ཧྥུ་ལིན་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པའི་གོ་གནས་ནས་གནས་དབྱུང་བཏང་སྟེ། ཕྱི་ཟླ་༢་ཚེས་༡༥་ཉིན་ཌོ་ནལ་ཊོམ་གྱིས་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་ཇཱེམ་སི་ཁོ་མེ་ཕོ་བྲང་དཀར་པོར་འབོད་འགུགས་བྱས་པ་དང་། ཁོང་གིས་གྱོད་གཞི་འདིར་ཞིབ་འཇུག་མི་བྱེད་པའི་རེ་བ་ཡོད། ཁྱོད་ཀྱིས་མེ་ཁེལ་ཧྥུ་ལིན་ཚེ་ཐར་གཏོང་བའི་རེ་བ་ཡོད་ཅེས་ནང་མོལ་ཡོད་པ་དང་། ཇཱེམ་སི་ཁོ་མེས་སྐབས་དེའི་སྐད་ཆ་རྣམས་ཡིག་ཏུ་གསལ་བོར་བཀོད་དེ། ཁ་སང་ཚིག་ཐོ་དེ་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པའི་ལག་ཐེབས་ཡོད་པ་རེད།།

XS
SM
MD
LG