ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ལྷོ་བྱང་ཀོ་རི་ཡའི་དམག་འཁྲུག་གི་ཉེན་ཀ


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༤་ཚེས་༢༥་ནི་བྱང་ཀོ་རི་ཡའི་མི་དམངས་དམག་དཔུང་བཙུགས་ནས་ལོ་༨༥་ལོར་པའི་དུས་ཆེན་ཡིན་པ་དང་། ཁོ་ཚོས་དུས་ཆེན་དེར་བསྟུན་ནས་སླར་ཡང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་སྲིད་པའི་ཉེན་ཀ་ཡོད་ཅིང་། ལྷོ་ཀོ་རི་ཡའི་གཞུང་གིས་ས་མཚམས་ལ་དམག་དཔུང་འགྲེམ་འཇོག་དང་བྱང་ཀོ་རི་ཡའི་ཚུར་རྒོལ་ལ་སྔོན་འགོག་གི་གྲ་སྒྲིག བྱང་ཀོ་རི་ཡའི་ལས་དམག་གི་འགུལ་སྐྱོད་བཅས་ལ་དོགས་ཟོན་ཆེན་པོས་རྟོག་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཀྱང་རྒྱ་ནག་གིས་བྱང་ཀོ་རི་ཡའི་མཐའ་མཚམས་སུ་དམག་དཔུང་ཁ་སྣོན་བཏང་སྟེ། ཀོ་རི་ཡའི་གླིང་ཟུར་ལ་དམག་འཁྲུག་འབྱུང་སྲིད་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་འདུག་ཀྱང་རྒྱ་ནག་གིས་བྱང་ཀོ་རི་ཡའི་མཐའ་མཚམས་སུ་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་དམག་དཔུང་གིས་འགན་ཁུར་ཅི་ཞིག་བསྒྲུབ་རྒྱུ་ཡིན་མིན་བཤད་ཚོད་ཐིག་རྒྱུ་ཁག་པོ་རེད་ཅེས་བཤད་ཡོད་པ་དང་། ཨུ་རུ་སུའི་དམག་དང་དེང་རབས་ཀྱི་མཚོན་ཆ་རྣམས་ཀྱང་བྱང་ཀོ་རི་ཡའི་མཐའ་མཚམས་སུ་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་རུང་། ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་པ་ཚོས་ཨུ་རུ་སུའི་དམག་དཔུང་རྣམས་བྱང་ཀོ་རི་ཡའི་ས་མཚམས་སུ་འགྲེམ་འཇོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་བདེན་པ་ཡིན་མིན་ངེས་གཏན་བྱས་མེད་པ་རེད།།

XS
SM
MD
LG