ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་རིགས་ཚོང་པ་རྒྱུ་ཆེན་ཀོའོ་ཝེན་ཀུད་འཛིན་བཟུང་གི་བརྡ་ཁྱབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱལ་སྤྱིའི་ནག་ཅན་སྐོར་སྲུང་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་གི་རེ་འདུན་བཞིན་ཨ་རིའི་ནང་ཡོད་པའི་རྒྱ་རིགས་ཚོང་པ་རྒྱུ་ཆེན་ཀོའོ་ཝེན་ཀུད་འཛིན་བཟུང་གི་བརྡ་ཁྱབ་དམར་པོ་ཟེར་བ་ཞིག་ཁ་ས་གཟའ་མིག་དམར་ཉིན་མོ་བཏང་ཡོད་པ་དང་ དེ་ནི་ཉེ་འཆར་ཁོང་གིས་ཕྱིའི་གསར་འགྱུར་ཁག་ལ་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ཁང་གི་ཚོགས་མི་ཟུར་པ་དང་དབུས་སྒྲིག་ཁྲིམས་ཞིབ་གཤེར་ཁང་གི་དྲུང་ཆེ་ཟུར་པ་ཧེ་གོ་བྱང་གི་ནང་མིའི་རྒྱུ་ནོར་སྐོར་གསང་བའི་གནས་ཚུལ་ཕྱི་བསྒྲགས་བྱས་པ་མ་ཟད་རྒྱ་ནག་གི་གཞུང་འཛིན་མཐོ་རིམ་དཔོན་རིགས་གཞན་གྱི་སྦས་གསང་བྱས་པའི་རྒྱུ་དངོས་དང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེ་བས་མང་བ་ཤེས་རྟོགས་ཡོད་ལུགས་གསུང་པ་དང་ དེ་བཞིན་དུ་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས་ཐད་གཏོང་བཅར་འདྲི་ཞིག་ཀྱང་ཞུ་འཆར་ཡོད་པ་སོགས་ཀྱི་གོང་དེར་བྱུང་བ་ཞིག་ཡིན་པ་རེད།

XS
SM
MD
LG