ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཌོ་ནོལ་ཁྲ་རམ་གྱི་བྱང་ཀོ་རི་ཡའི་སྲིད་ཇུས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕན་སི་ལྷོ་ཀོ་རི་ཡ་དང་ཉི་ཧོང་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ཁོང་གིས་ཨ་མི་རི་ཀའི་སེམས་ཐག་གཙང་བཅད་དང་གྲ་སྒྲིག་བཅས་ལ་སུ་གཅིག་གིས་ཀྱང་རྩིས་ལོག་མ་ཐེབས་ན་དགེ་མཚན་ཆེ། ཨ་མི་རི་ཀར་ཁ་གཏད་བཅགས་ན་ང་ཚོས་རྡུལ་ཕྲན་མཚོན་ཆ་དང་རྡུལ་ཕྲན་མཚོན་ཆ་མ་ཡིན་པའི་མཚོན་ཆ་རྣམས་བཀོལ་སྤྱོད་བྱས་ནས་ཕར་རྒོལ་བྱ་རྒྱུ་ཉག་ཅིག་ཡིན། ང་ཚོས་ཕ་རོལ་པོ་ཕམ་པར་བརྒྱབ་ནས་ལང་རྒྱུ་མེད་པར་གཏོང་རྒྱུ་ཡིན་པ་ཤེས་རྟོགས་ཐུབ་དགོས་ཞེས་བཤད་ཡོད་ཅིང་། ཁ་སང་ཨ་རིའི་སྲིད་འཛིན་གཞོན་པས་ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་མ་བསྒྱུར་པར་དུ་ཨ་མི་རི་ཀ་ལྷོད་ལ་བབས་ནས་འདུག་རྒྱུ་མིན་ཞེས་བཀའ་མོལ་ནན་པོ་གནང་འདུག སྔ་ཉིན་དེར་ཨ་རིའི་སྲིད་འཛིན་གཞོན་པ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མའི་གཞུང་གིས་བྱང་ཀོ་རི་ཡར་བཟོད་བསྲན་ངང་སྒུག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་དུས་སྐབས་མཇུག་བསྒྲིལ་པ་ཡིན་ཞེས་བཤད་མོད། འོན་ཀྱང་ཉམས་ཞིབ་པ་མང་པོ་ཞིག་གིས་ཌོ་ནོལ་ཁྲ་རམ་གྱི་སྲིད་གཞུང་ལའང་བྱང་ཀོ་རི་ཡར་བཟོད་བསྲན་ངང་སྒུག་གི་སྲིད་ཇུས་ཤིག་ལས་ལག་ལེན་བསྟར་རྒྱུ་གཞན་པ་གང་ཡང་མེད་པ་དང་། ཨ་མི་རི་ཀར་བྱང་ཀོ་རི་ཡའི་སྟེང་དུ་ལག་ལེན་བསྟར་ཐུབ་པའི་སྲིད་ཇུས་ཚད་ངེས་ཅན་ཞིག་ལས་མེད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG