ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཡུལ་གྱིས་ཕྱི་ཟླ་དྲུག་པའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུ་ཡིན་པ།


དབྱིན་ཇིས་ཡུ་རོབ་མཉམ་སྦྲེལ་མཐུན་ནས་ཕྱིར་ཐོན་བྱ་རྒྱུར་གང་ཅིའི་གྲ་སྒྲིག་བྱེད་མུས་ཡིན་པའི་སྐབས་འདིར། ཡུལ་དེའི་སྲིད་བློན་ལྕམ་ཐེ་རེ་ས་མཻ་མཆོག་གིས་ཁ་ས་ཡུལ་དེས་རིང་མིན་ཕྱི་ཟླ་དྲུག་པའི་ཚེས་༨་ཉིན་རྒྱལ་ཡོངས་འདེམས་བསྐོ་ཆེན་མོ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་དང་། ཡི་ཤུ་ཚོས་ཉེ་དུས་གཟའ་ཉི་མའི་ཉིན་ཡི་ཤུའི་འདས་ལོག་གི་དུས་ཆེན་ལ་སྲུང་རྩི་ཞུ་བའི་སྐབས། ཡུལ་དེ་ནང་བསམ་ཚུལ་བསྡུ་ལེན་ཞིག་བྱེད་སྐབས་དེང་སང་ཡུལ་དེའི་ནང་ཕྱོགས་འགལ་ངལ་སྩོལ་ཚོགས་པ་ལས་མེ་མཆོག་གིས་དབུ་འཁྲིད་པའི་རྙིང་ཞེན་རིང་ལུགས་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་མི་མང་གི་གྲངས་འབོར་དེ་མང་དུ་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

XS
SM
MD
LG