ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོས་ཧེ་ནན་གླིང་ཕྲན་གྱི་ས་གནས་ཤིག་ཏུ་འཇབ་རྒོལ་བྱས་ཏེ། ཁོ་ཚོས་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་སྐྱེས་པ་དོགས་གཞི་ཅན་ཞིག་འཛིན་བཟུང་བྱས་ཡོད་ཅིང་། མི་དེས་ཕྱི་རྒྱལ་དུ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་གོ་སྒྲིག་བྱས་ཡོད། ཁོ་པར་ཏུར་ཀི་རྒྱལ་ཁབ་ཏུ་རྗེས་འབྲང་བ་བརྒྱ་ལྷག་ཡོད་ཅེས་ཁྱབ་བསྒྲགས་བྱས་མོད། ཡིན་ནའང་རྒྱ་ནག་གཞུང་གིས་ཧེ་ནན་གླིང་ཕྲན་དུ་འཛིན་བཟུང་བྱས་པའི་སྐྱེས་པ་དེ་སུ་ཡིན་མིན་དང་མི་རིགས་གང་ཡིན། ཁོ་པས་ཕྱི་རྒྱལ་དུ་འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ཅི་ཞིག་སྤེལ་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་ཞིག་གཏན་ནས་ཕྱིར་བསྒྲགས་བྱས་མེད་པ་རེད།

XS
SM
MD
LG