ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་བྱང་ཀོ་རི་ཡར་འཕུར་མདེལ་ཚོད་ལྟ་མཚམས་འཇོག་བྱོས་ཟེར།


ཕྱི་ཟླ་༤་ཚེས་༡༥་ནི་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་གསར་འཛུགས་པ་ཀི་མིལ་སུང་གི་སྐྱེས་སྐར་ཡིན་པ་དང་། ཉིན་དེར་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་ཐེངས་༦་བྱས་ནས་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཁག་ལ་རྩིས་མེད་གཏོང་སྲིད་པའི་རྣམ་པ་ཡོད་ཅིང་། ཨ་མི་རི་ཀའི་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཞིག་དང་མཚོ་དམག་གི་དཔུང་སྡེ་ཞིག་བྱང་ཀོ་རི་ཡའི་ཉེ་འཁོར་དུ་སོང་སྟེ། ཨ་མི་རི་ཀའི་མཚོ་དམག་གིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་། འཛམ་གླིང་ཤར་ཕྱོགས་ཀྱི་ཨ་མི་རི་ཀའི་དམག་སྒར་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་གཞུང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་ངང་སྒུག་བཟོད་བསྲན་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་དུས་སྐབས་མཇུག་བསྒྲིལ་པ་ཡིན་ཞེས་ཉེན་བརྡ་ནན་པོ་བཏང་འདུག དེ་རིང་ཕྱི་ཚེས་༡༣་ཉིན་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་འཁྲུག་རྩོད་སློག་རྒྱུ་མཚམས་འཇོག་བྱ་དགོས། རྒྱ་ནག་གིས་བྱང་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆོག ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་རྒྱ་ནག་གི་ཡུན་རིང་ལངས་ཕྱོགས་ལ་འགྱུར་བ་མེད། གལ་སྲིད་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་ནས་འཁྲུག་རྩོད་མུ་མཐུད་དུ་བསླང་ན་རྒྱ་ནག་བརྒྱུད་ནས་བྱང་ཀོ་རི་ཡར་རྡོ་སྣུམ་ནང་འདྲེན་བྱེད་དུ་འཇུག་རྒྱུ་ཡིན་མིན་ཞེས་བཤད་འདུག

XS
SM
MD
LG