ངོ་འཕྲད་བདེ་བའི་དྲ་འབྲེལ།

པོལ་པོཊ་ཀྱིས་མི་གསོད་ཁྲག་སྦྱོར་བྱས་པ་ནང་བཞིན་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱས་ཡོད་པ།


དེ་སྔ་ཀེམ་བྷོ་ཊི་ཡེའི་ཀེ་མྷར་རུཅི་དམར་ཤོག་གི་འགོ་ཁྲིད་པོལ་པོཊ་Pol Pot ཀྱིས་ ཡུལ་མི་ཧ་ཅང་མང་པོ་དམར་བསད་བཏང་བ་སོགས་བཙན་གནོན་དང་དྲག་རྩུབ་ཀྱི་བྱ་སྤྱོད་ཚད་ལས་བརྒལ་བ་ལག་བསྟར་བྱས་ཡོད་པ་དེ་བཞིན་ རྒྱ་ནག་གཞུང་གིས་བོད་ནང་ལ་ལག་ལེན་བསྟར་ཡོག་རེད་ཅེས་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པ་རྣམས་ལ་བཀའ་གནང་བ་དང་འབྲེལ་ དེ་ལྟར་ནའང་ གང་ཉིད་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་འཁོན་འཛིན་གང་ཡང་མེད་པར་་ད་དུང་ རྒྱ་ནག་གཅིག་གི་སྲིད་བྱུས་དང་ལེན་གནང་སྟེ་་བོད་རྒྱ་མི་རིགས་གཉིས་ ཞི་མཐུན་མཉམ་གནས་བྱ་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་པས་ རྒྱ་ནག་གཞུང་གི་ཕྱོགས་ནས་གནས་ཚུལ་འཁྱོག་བཤད་བྱས་ཏེ་རྒྱ་ནག་མི་དམངས་མགོ་སྐོར་གཏོང་རྒྱུ་མཚམས་འཇོག་བྱས་ཏེ་ དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་དེ་འགྲེལ་བརྗོད་དགོས་པ་ཡིན་ཞེས་་བཀའ་ནན་པོ་བསྩལ་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG