ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གིས་ཀཤ་མིར་གྱི་གནད་དོན་གླེང་སློང་བྱས་ན་བོད་དོན་གླེང་བདེ་རུ་འགྲོ་རྒྱུ་ཡིན་པ།


རྒྱ་གར་གྱི་སྲིད་དོན་དབྱེ་ཞིབ་པ་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་ལ་ཆིབས་སྒྱུར་མཛད་པར་རྒྱ་ནག་གཞུང་གིས་ལན་འདེབས་བྱེད་སྟངས་ཀྱིས་རྒྱ་གར་དང་འབྲེལ་བར་གནོད་གཞི་བཟོས་སོང་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། རེས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་ཨན་ཌི་ཀྲི་ཝི་ཞེས་པའི་དྲ་ཚིགས་ལ་རྒྱ་གར་གྱི་ཆབ་སྲིད་དབྱེ་ཞིབ་པ་མི་ཧིར་ སྭ་རུཕ་ ཤར་མས་དཔྱད་རྩོམ་སྤེལ་བའི་ནང་ད་ལམ་གྱི་གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་རྒྱ་གར་དང་འབྲེལ་ལམ་ཐོག་གང་ཙམ་གྱི་གནོད་གཞིའི་ལས་དོན་བྱས་སོང་ཞེས་བཀོད་འདུག་པ་དང་། རྒྱ་གར་དང་རྒྱ་ནག་གི་འབྲེལ་བའི་སྐོར་དཔྱད་ཞིབ་གནང་མཁན་སྐུ་ཞབས་ཀུ་ལའུཌ་ ཨར་པིས་གསུངས་དོན་ལ་ རྒྱ་ནག་གིས་ཀཤ་མིར་གྱི་གནད་དོན་ལ་ཐེ་བྱུས་བྱེད་ཐུབ་ཐབས་མེད་པ་དང་། དེ་འདྲ་བྱས་ན་རྒྱ་གར་ཕྱོགས་ལ་བོད་ཀྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་སྟབས་བདེ་རུ་འགྲོ་ཡི་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG