ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་རྟ་དབང་དུ་ཞབས་སོར་འཁོད་སྐབས་ཕེབས་བསུ་ཟབ་རྒྱས་ཞུས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རིང་རྟ་དབང་དུ་ཞབས་སོར་བཀོད་གནང་མཛད་འདུག་པ་དང་། ཕེབས་སྒྲིག་ཚོགས་ཆུང་གི་ཚོགས་མི་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་གསུངས་དོན་ལ་ ད་རང་སྔ་དྲོ་རྡི་རང་ནས་རྟ་དབང་དུ་ཞབས་སོར་བཀོད་སྐབས་ཕེབས་ལམ་ས་ཁུལ་གྱི་གྲོང་དང་གྲོང་གསེབ་ཁག་ལ་མོན་པ་དང་འབྲུག་པ། བོད་མི་བཅས་སྟོང་ཚ་མང་པོས་རུ་བསྟར་བསྒྲིགས་ནས་དགའ་དད་ཆེན་པོས་ཕེབས་བསུ་ཞུས་སོང་བ་དང་། སང་ཉིན་ནས་ཆོས་འབྲེལ་དབུ་འཛུགས་གནང་རྒྱུ་ཡིན་པ་བཞིན་ཆོས་ཞུ་བ་བདུན་ཁྲི་ཙམ་བཅར་རྒྱུའི་ཚོད་དཔག་གནང་གི་ཡོད་ཅེས་གསུངས་ཀྱི་འདུག

XS
SM
MD
LG