ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་འབྱོར་སྐབས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་སྐད་འབོད་བྱས་འདུག


དེ་ཡང་ཨ་རིའི་སྲིད་འཛིན་ཁྲ་རམ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཨ་རིའི་ཧྥོ་ལོ་རི་ཌར་མཇལ་འཕྲད་གནང་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་ཀྱི་རྒྱལ་དར་དང་བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཡིག་བྱང་འཁྱེར་ཏེ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་ཅིང་། སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་ཡུལ་དེར་ཁོང་ཚོས་ཆེད་མངགས་ལས་འགུལ་སྤེལ་དོན་ནི་ད་རེས་ཨ་རིའི་སྲིད་འཛིན་གསར་པ་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་བྱུང་བ་ཐོག་མ་དེ་ཡིན་དུས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་དགོས་པ་མ་ཟད་། ད་དུང་བོད་དོན་ཡང་གླེང་སློང་དགོས་པའི་འབོད་སྐུལ་ཞུ་ཆེད་ཡིན་པ་གསུངས་འདུག རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་འབྱོར་བའི་སྐབས་བོད་དོན་ཆེད་དུ་སྐད་འབོད་ལས་འགུལ་སྤེལ་མཁན་ཡོད་པའི་ཐོག་ཆོས་འཁོར་སྒོམ་སྒྲུབ་ཀྱི་མི་སྣའི་ངོ་རྒོལ་བྱེད་མཁན་ཡང་ཡོད་འདུག

XS
SM
MD
LG