ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་དྷི་རང་དུ་ཆིབས་སྒྱུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རུ་ནཱ་ཅལ་ནང་གི་ཆིབས་སྒྱུར་ཉིན་གསུམ་པ་སྟེ་ཕྱི་ཟླ་བཞི་པའི་ཚེས་༦ཉིན་མོན་དྷི་རང་ས་ཁུལ་དུ་ཐུབ་གསུང་དར་རྒྱས་གླིང་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་པ་རབ་གནས་མཛད་པ་དང་རབ་གནས་མཛད་སྒོའི་ཐོག་སྤྲུལ་སྐུ་ཐུབ་བསྟན་རིན་པོ་ཆེས་༧གོང་ས་མཆོག་ནས་གནམ་གཤིས་དང་ཕེབས་ལམ་གྱི་སྐུ་ངལ་ལ་མ་བལྟོས་པར་ཆིབས་སྒྱུར་བསྐྱངས་པ་དེ་ལ་ཚོར་སྣང་ཆེན་པོས་ཐུགས་རྗེ་ཆེ་ཞུས་པ་དང་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་པདྨ་ན་བྷ་མཆོག་གིས་མངའ་སྡེ་དེའི་ནང་ཆིབས་སྒྱུར་བསྐྱངས་པར་དགའ་བསུའི་གསུང་བཤད་གནང་བ་དང་ དེའི་གོང་དུ་འབུམ་སྡེ་ལར་ཕེབས་བསུར་བཅར་ཐུབ་མེད་པ་དེ་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད། དེའི་སྐོར་ང་ཚོའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG