ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་གཞུང་ནས་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩར་རོགས་དངུལ་ཕྱིར་འཐེན


ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་ནས་གཟའ་ཟླ་བའི་ཉིན་མོ་ཨ་མི་རི་ཀས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་མི་འབོར་ཐད་ཀྱི་ཐེབས་རྩ་ཁང་ལ་རོགས་དངུལ་གནང་རྒྱུ་མཚམས་འཇོག་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་རྒྱུ་མཚན་ནི་ ཐེབས་རྩ་ཁང་དེས་རྒྱ་ནག་གཞུང་གི་བཙན་དབང་གིས་སྐྱེས་སྒོ་བཀག་པ་དང་མངལ་ནང་ཕྲུ་གུ་མེད་པ་བཟོ་རྒྱུར་རྒྱབ་སྐྱོར་དང་འབྲེལ་བ་འདུག་ཅེས་གསུང་ཡོད་པ་རེད། དབྱེ་ཞིབ་པས་དེ་ནི་སྲིད་འཛིན་ཌོ་ནོལ་ཁྲ་རམ་སྲིད་གཞུང་ནས་རྒྱལ་ཚོགས་དང་ཕྱི་རྒྱལ་ལ་རོགས་དངུལ་ཁག་ཉུང་དུ་གཏོང་རྒྱུའི་སྲིད་ཇུས་ལག་ལེན་གནང་བ་ཐོག་མ་ཞིག་ཡིན་པ་དང་མངལ་ནང་ཕྲུ་གཏོང་ལ་ངོ་རྒོལ་གྱི་སྲིད་ཇུས་འཛིན་པའི་སྤྱི་མཐུན་སྲིད་དོན་ཚོགས་པའི་རྒྱུན་སྲོལ་གྱི་གནང་སྟངས་ཤིག་ཀྱང་ཡིན་པ་གསུང་གི་ཡོད་པ་རེད།

XS
SM
MD
LG