ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༤་ཚེས་༡་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ཨ་སམ་དང་ཨ་ཅུ་ན་ཅལ་མངའ་སྡེ་གཉིས་ལ་ཆིབས་སྒྱུར་གནང་གི་ཡོད་པ་དང་། དེ་རིང་ཕྱི་ཚེས་༣༡་ནས་རྒྱ་གར་གྱི་ན་གཞོན་བོད་དོན་རྒྱབ་སྐྱོར་པ་ཚོས་བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན། རྒྱ་གར་དང་བོད་གཉིས་ལ་ལོ་ངོ་སྟོང་ཕྲག་གི་ཆོས་རིག་འབྲེལ་བ་ཡོད། བོད་ལ་རང་དབང་འཐོབ་རྒྱུ་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཆེན་པོ་ཡིན་ཞེས་བརྗོད་བྱང་འཁོད་པའི་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་ཅིང་། ད་ཐེངས་ཀྱི་ཚོགས་འདུ་དེར་རྒྱ་གར་གྱི་གསར་འགོད་པ་གྲགས་ཅན་ཌི་ཨེན་ཅཀ་ར་ཝྭར་ཏིས་གཏམ་བཤད་བྱས་ཏེ། རྒྱ་ནག་གིས་ང་ཚོར་བཙན་འཛུལ་དང་གཏོར་རྒོལ་གྱི་ངན་ཇུས་ཇི་ལྟར་བཤམས་ཀྱང་བོད་མཐོ་སྒང་གིས་རྒྱ་གར་ལ་ལྕགས་རི་ལྟར་འགེབས་སྐྱོབ་བྱས་ཡོད། ༡༧༢༡་ནས་༡༩༥༩་བར་དུ་རྒྱ་ནག་གིས་བོད་པ་ཚོ་མི་གཤིས་འཇམ་པོ་དང་དམག་གི་སྟོབས་ཤུགས་གཉོམ་པའི་གོ་སྐབས་བཟུང་ནས་བཙན་འཛུལ་ཐེངས་འགའ་ཞིག་བྱས་པ་དང་། རྒྱ་ནག་གིས་བོད་བདག་དབང་ལྡན་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པར་གཏན་ནས་ངོས་ལེན་བྱས་མེད། ཡིན་ནའང་རྒྱ་གར་དང་བལ་ཡུལ་གྱི་བདེ་འཇགས་ཆེད་དུ་བོད་ཀྱི་བདག་དབང་སླར་གསོ་དང་རང་བཙན་རྒྱལ་ཁབ་ཅིག་ཏུ་བསྒྱུར་དགོས་པ་ལྡོག་ཐབས་མེད་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG