ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་མི་ཁོངས་གཅིག་དགའ་ལྡན་ཤར་རྩེ་གྲ་ཚང་གི་མཁན་པོའི་ཁྲིར་འདོན་ཞུས་པ།


རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེའི་མཁན་རབས་གྱ་དྲུག་པ་བྱང་ཆུབ་སངས་རྒྱས་རིན་པོ་ཆེ་ཁྲིར་འདོན་མཛད་སྒོ་གནང་འདུག་པ་དང་། དགའ་ལྡན་ཤར་རྩེ་ནོར་གླིང་གྲ་ཚང་གི་ཕྱག་མཛོད་བསྟན་འཛིན་མདོ་སྔགས་ལགས་ཀྱིས་གསུངས་དོན་ལ་ ལོ་གསུམ་ཙམ་གོང་གྲ་མང་ཡོངས་ཀྱིས་འོས་བསྡུ་བྱས་ཏེ་མཁན་པའི་འོས་དམིགས་བཏོན་པ་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་རིན་པོ་ཆེ་གསོལ་བསྩལ་བཞིན་མཁན་པོའི་ཁྲི་ཐོག་ཕེབས་པ་ཞིག་ཡིན་པ་དང་། དེ་ནི་དེང་རབས་དང་མཐུན་པའི་གསར་གཏོད་གཅིག་ཡིན་པ་མ་ཟད། ཁོང་ནི་བལ་ཡུལ་གྱི་ས་མཚམས་ས་ཁུལ་བཙུམ་ཞེས་པ་ནས་ཡིན་པ། བལ་པོའི་མི་ཁོངས་གཅིག་རེ་བོ་དགེ་ལྡན་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་གྲ་ཚང་གཅིག་གི་མཁན་པོར་ཁྲིར་འདོན་ཞུས་པ་ལོ་རྒྱུས་ནང་ཐེངས་དང་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG