ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་འཛིན་ཞི་ཅིང་ཕིང་དང་ནང་ཆོས་སླར་གསོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་ནིའུ་ཡོག་དུས་བབ་གསར་ཤོག་གིས་ནང་པའི་བཙུན་པ་ཞིག་གིས་ཞི་ཅིང་ཕིང་ལ་ག་རེ་བསླབས་ཡོད་ཅེས་པའི་རྩོམ་ཡིག་གི་ནང་དུ་༡༩༨༢ལོར་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ནང་པའི་བཙུན་པ་ཧྲེད་ཡུང་མིང་ཞུ་བ་ཞིག་ཀྲེང་ཏིང་གྲོང་འཚོའི་ནང་གི་གནའ་བོའི་དགོན་པ་ཞིག་བསྐྱར་བཞེངས་ཐོག་མཉམ་འབྲེལ་བྱས་པའི་བརྒྱུད་རིམ་ནས་སྐབས་དེར་ལོ་ན་༢༩ཡིན་པའི་ཞི་ཅིང་ཕིང་ལ་དམར་ཤོག་ཏང་དང་ཆོས་ལུགས་མཉམ་འབྲེལ་བྱེད་པའི་ཉམས་མྱོང་གིས་སྲིད་དབང་བཟུང་བའི་རྗེས་སུ་མང་ཚོགས་ལ་དད་པ་ཡོད་ན་མི་རིགས་ལ་རེ་བ་དང་རྒྱལ་ཁབ་ལ་སྟོབས་ཤུགས་ཡོང་ཅེས་པའི་འབོད་སྒྲའི་ཐོག་ནས་རྒྱ་ནག་གི་སྲོལ་རྒྱུན་གྱི་མང་ཚོགས་ཀྱི་བསམ་བློའི་འཚོ་བ་འཁྲུག་ཆ་འདོད་རུ་གཏོང་བཞིན་ཡོད་པའི་སྐོར་དང་ཡིན་ནའང་ཁོང་རང་ཉིད་ཆོས་ལུགས་བེད་སྤྱོད་པ་ཞིག་ལས་དད་པ་ཅན་ཞིག་ཡིན་པ་བཤད་དཀའ་བ་སོགས་ཀྱི་སྐོར་བྲིས་ཡོད་པ་རེད། དེའི་སྐོར་ཞིབ་འཕྲ་པ་སངས་དབྱངས་སྐྱིད་ལགས་ནས་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG