ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ཆབ་སྲིད་པ་བསམ་བློ་ཕྲན་བུ་གུ་ཡངས་ཆེ་བ་རྣམས་ལ་ད་ཆ་མགྲིན་ཚབ་པ་གསར་པ་ཞིག་བྱུང་བ་ཡིན་ནམ།


ཧོང་ཀོང་གི་སྤྱི་ཁྱབ་གསར་པར་འདེམས་ཐོན་བྱུང་བ་ཀཱེ་རཱི་ ལེམ་གྱི་མདུན་དུ་ལྷག་པའི་གནད་དོན་གལ་ཆེ་ཤོས་ཤིག་ནི་ རང་དང་རང་གི་ལས་དོན་ལ་རྒྱ་ནག་དབུས་གཞུང་དང་ ཧོང་ཀོང་མི་དམངས་བཅས་གཉིས་ཀས་ མོས་མཐུན་དང་རྒྱབ་སྐྱོར་ཐོབ་པ་བྱས་ཏེ་ ད་ལྟ་གྲོང་ཁྱེར་དེའི་མི་རྣམས་ ཆབ་སྲིད་ཀྱི་ཤོག་ཁག་གཉིས་ལ་ཁ་གྱེས་སུ་ཕྱིན་པ་ལྟ་བུའི་གནས་སྟངས་ཤིག་ཡོད་པ་དེ་མེད་པ་བཟོ་རྒྱུ་དེ་ཡིན་ཞིང་ དེ་ལྟར་བྱ་རྒྱུར་ཐེངས་འདིའི་འོས་བསྡུའི་ནང་ཁོང་གི་ཁ་གཏད་གཙོ་བོ་ཚཱང་གིས་ནུས་པ་ཆེན་པོ་འདོན་ཐུབ་ངེས་ཡིན་པར་ཆབ་སྲིད་ཉམ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG