ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་ཕྱོགས་གཏོགས་པ་ཞིག་ཧོང་ཀོང་གི་སྲིད་སྐྱོང་ལ་བསྐོ་སྲིད་པ།


༡༩༩༧་ལོར་རྒྱ་ནག་གིས་དབྱིན་ཇིའི་ལག་ནས་ཧོང་ཀོང་གི་བདག་དབང་རྩིས་ལེན་བྱས་པ་དང་། འདས་པའི་ལོ་༢༠་རིང་དུ་རྒྱ་ནག་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་རྒྱལ་ཁབ་ཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ། ད་ཐེངས་ཀྱི་གཟའ་ཉི་མ་འདིར་ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱི་འཐུས་མི་ཚོས་མངའ་ཁུལ་དེའི་སྲིད་སྐྱོང་གསར་པ་འདེམས་བསྐོ་བྱེད་ཀྱི་ཡོད་ཅིང་། ༢༠༡༧་ཀྱི་སྲིད་སྐྱོང་འདེམས་བསྐོ་འདི་ཧོང་ཀོང་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཕྱིར་སློག་བྱས་པའི་རྗེས་སུ་སྲིད་སྐྱོང་འདེམས་བསྐོ་བྱས་པ་ཐེངས་ལྔ་པ་ཡིན་རུང་། ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ལ་ཚོགས་མི་༡༢༠༠་ཡོད་པ་དེ་དག་གི་མང་ཆེ་བ་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོང་པ་འབྱོར་ལྡན་དང་དངུལ་ཁང་གི་བདག་པོ། ཧང་ཀོང་གི་བཟོ་ཚོང་བདག་པོ་རྣམས་ཡིན་པས། ཁོ་ཚོས་ཧོང་ཀོང་གི་སྲིད་སྐྱོང་རྗེས་མ་དེར་རྒྱ་ནག་དབུས་གཞུང་གིས་དགའ་མོལ་བྱ་ས་ལིན་ཀྲེན་ཡུའེ་འདེམས་བསྐོ་བྱ་རྒྱུའི་རྣམ་པ་གསལ་བོ་ཐོན་ཡོད་པ་དང་། ཧོང་ཀོང་གི་སྲིད་སྐྱོང་འོས་མི་གཞན་པ་ཇཱོན་ཚང་ལ་མི་གྲངས་ས་ཡ་༧་དང་འབུམ་༣་ཡོད་པའི་གྲོང་ཁྱེར་དེའི་མི་མང་གི་རྒྱབ་སྐྱོར་ཆེན་པོ་ཡོད་རུང་། ཁོ་པར་ཧོང་ཀོང་གི་འདེམས་བསྐོ་ལྷན་ཚོགས་ཀྱི་འོས་ཤོག་བཞི་ཆའི་གཅིག་ཙམ་ལས་འཐོབ་མི་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG