ངོ་འཕྲད་བདེ་བའི་དྲ་འབྲེལ།

གསེར་རྟར་བོད་མི་གང་བྱུང་འཛིན་བཟུང་བྱེད་བཞིན་པ།


འདི་ག་རླུང་འཕྲིན་ཁང་ལ་གསེར་རྟ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་༣ཚེས་༢༤ཉིན་གྱི་ཞོགས་པ་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་བོད་ཆས་གྱོན་པའི་བོད་མི་གང་བྱུང་གིས་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། བརྙན་པར་ནང་མཐོང་གསལ་ལྟར་གསེར་རྟ་རྫོང་གི་ཁྲོམ་གཞུང་དུ་ཉེན་རྟོག་པའི་མོ་ཊའི་ནང་ནས་དྲག་ཆས་སྔོན་ནག་གྱོན་པའི་སྤྱི་བདེ་མི་སྣ་མང་པོ་ཁྲོམ་གཞུང་ཐོག་འབྱོར་ཏེ་བོད་མི་ཚོ་གང་བྱུང་དུ་འཇུ་བཟུང་དང་། ལྕགས་རྒྱུག་གིས་རྡུང་རྡེག་གཏོང་བཞིན་བོད་མི་རེ་ལ་ཉེན་རྟོག་པ་ལྔ་དྲུག་གིས་རུབ་རྡུང་བྱེད་ཞོར་བཙན་ཁྲིད་ཀྱིས་སྤྱི་སྤྱོད་སྣུམ་འཁོར་ནང་དུ་བཙན་ཁྲིད་བྱེད་ཀྱི་ཡོད་འདུག བདེ་འཇགས་ལ་དམིགས་ཏེ་བརྙན་པར་ནང་གི་སྐད་མེད་པ་བཟོས་ཡོད་རུང་བརྙན་པར་ནང་བོད་མི་ཚོས་"དོན་དག་གང་ཡང་མེད་པར་འདི་འདྲ་བྱེད་བཞིན་འདུག ཨ་ཙི་ཙི་"ཞེས་སེམས་སྡུག་གི་རྣམ་པ་སྟོན་བཞིན་འདུག གསེར་རྟ་རྫོང་གི་ཁོངས་སུ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་ཡོད་པ་དང་། བླ་རུང་སྒར་དུ་རྒྱ་ནག་གཞུང་གི་བཀའ་རྒྱའི་འོག་གྲྭ་བཙུན་དང་གྲ་ཤག་ཉུང་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱས་ཏེ་ཆོས་སྒར་གྱི་སློབ་གཉེར་བ་སྟོང་ཕྲག་མང་པོ་ཕྱིར་ལོག་བཏང་བ་དང་། ད་ལྟ་མུ་མཐུད་ནས་གྲ་ཤག་བཤིག་བཞིན་པ་སོགས་ས་ཁུལ་འདིའི་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

XS
SM
MD
LG