ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

གཏོར་རྒོལ་པར་འབྲེལ་བ་ཡོད་སྲིད་པའི་དོགས་ཅན་ཁག་ཅིག་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཕྱི་ཟླ་༣་ཚེས་༢༢་ཉིན་གྱི་ཕྱི་དྲོར་དབྱིན་ཡུལ་དུ་སྐྱེས་པའི་མི་ཞིག་གིས་དབྱིན་ཇིའི་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་ནས་མི་༣་བསད་པ་དང་མི་༤༠་ཙམ་ལ་རྨས་སྐྱོན་ཕོག་ཅིང་། དབྱིན་ཇིའི་གཞུང་གིས་གཏོར་རྒོལ་པ་དེར་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པའི་ཤུགས་རྐྱེན་ཐེབས་ཡོད་པ་དང་། ཁོ་པའི་མིང་ཧ་ལིཏ་མ་སུཏ་ཟེར་པ་དང་ལོ་ན་༥༢་ལ་སོན་འདུག་ཅེས་ཁྱབ་བསྒྲགས་བྱས་འདུག མདང་དགོང་མཚན་དཀྱིལ་ནས་དབྱིན་ཇིའི་ཉེན་རྟོག་པ་ཚོས་བྷར་མིན་ཧམ་གྲོང་ཁྱེར་གྱི་ཁང་ཆེན་ཞིག་ལ་འཇོབ་རྒོལ་བྱས་ནས་མི་སྣ་དོགས་གཞི་ཅན་༧་འཛིན་བཟུང་བྱས་འདུག གཟའ་ལྷག་པའི་གཏོར་རྒོལ་པ་དེ་དབྱིན་ཇིའི་ཉེན་རྟོག་པ་ཚོས་འཛིན་བཟུང་བྱས་ནས་འདྲི་གཅོད་བྱས་མྱོང་ཡོད་པ་མ་ཟད། ཁོ་པ་དབྱིན་ཇིའི་གསང་བའི་ལས་ཁང་དང་ཉེན་རྟོག་པ་ཚོས་དོགས་ཟོན་བྱ་ཡུལ་ཞིག་ཡིན་མོད། འོན་ཀྱང་དབྱིན་ཇིའི་གཞུང་གིས་མི་དེར་ནག་ཉེས་ངེས་ཅན་ཞིག་འཛུགས་རྒྱུ་མ་རྙེད་པར་འཛིན་བཟུང་བྱ་ཐུབ་མེད་པ་དང་། ཁ་སང་མི་དེས་ཝེ་སི་མིན་སི་ཊར་ཟམ་ཆེན་ཐོག་ཏུ་རླངས་བཏང་ནས་བརྒྱུགས་ཏེ་མི་༢་རླངས་འཁོར་འོག་ཏུ་བརྫིས་ནས་བསད་པ་དང་མི་༤༠་ཙམ་ལ་རྨས་སྐྱོན་ཕོག ཟམ་ཆེན་གྱི་ཕར་ཕྱོགས་སུ་རླངས་འཁོར་དེས་དབྱིན་ཇིའི་གྲོས་ཚོགས་ཁང་གི་ལྕགས་རར་བརྡུངས། ཁོ་པ་དབྱིན་ཇིའི་གྲོས་ཚོགས་ཁང་གི་འཛུལ་སྒོར་བརྒྱུགས་པ་དང་། གྲོས་ཚོགས་ཀྱི་སྒོ་སྲུང་ཉེན་རྟོག་པ་ཞིག་གིས་གཏོར་རྒོལ་པ་བཀག འཇིགས་སྐུལ་རིང་ལུགས་པ་དེས་ཉེན་རྟོག་པར་གྲི་བཙུགས་ནས་བསད། ཁོ་པ་དབྱིན་ཇིའི་གྲོས་ཚོགས་ཁང་ལ་མ་ཐར་གོང་དུ་ཉེན་རྟོག་པ་ཁ་སྣོན་ཡོང་ནས་མེ་མདའ་བརྒྱབ་སྟེ་བསད་ཡོད་པ་རེད།།།

XS
SM
MD
LG