ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡའི་འཕུར་མདེལ་ཚོད་ལྟ་ལམ་ལྷོངས་མ་བྱུང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༣་ཚེས་༢༢་ཉིན་བྱང་ཀོ་རི་ཡས་སླར་ཡང་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་ཀྱང་དུས་ཡུན་སྐར་ཆ་འགའ་ཞིག་གི་རྗེས་སུ་གས་འཐོར་སོང་ནས་ལམ་ལྷོངས་བྱུང་མེད་ཅིང་། ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཞིག་ཚོད་ལྟ་བྱས་པ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཤེས་རྟོགས་བྱུང་ཡོད། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་ཚོད་ལྟར་ལམ་ལྷོངས་བྱུང་མེད་ཅེས་བཤད་མོད། འོན་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་འཕུར་མདེལ་དེ་འཕུར་མདེལ་གྱི་རིགས་གང་འདྲ་ཞིག་ཡིན་མིན། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་ཚོད་ལྟར་ལམ་ལྷོངས་མ་བྱུང་དོན་ཅི་ཡིན་གསལ་བོར་བཤད་མེད་པ་དང་། ཉི་མ་བཞིའི་གོང་དུ་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་འཁོར་གསར་པ་ཞིག་ཚོད་ལྟ་ལེགས་གྲུབ་བྱུང་སྟེ། ཀིམ་ཇུང་ཨུན་ཚོད་ལྟའི་མཛད་སྒོར་ཞུགས་ནས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཆེན་པོ་བྱུང་ཡོད་ཅེས་བསྔགས་བརྗོད་བྱས་པ་དང་། ཨ་མི་རི་ཀའི་ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་འཕུར་མདེལ་གྱི་འཕྲུལ་འཁོར་གསར་པ་མ་འོངས་པར་གླིང་བརྒལ་འབེན་ཕོག་འཕུར་མདེལ་ཁག་ལ་སྦྱར་སྲིད། གླིང་བརྒལ་འབེན་ཕོག་འཕུར་མདེལ་གྱི་རིགས་ལ་སྟོབས་ཤུགས་ཆེ་བའི་འཕྲུལ་འཁོར་རེ་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG