ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁམས་ཁུལ་དུ་བོད་མི་ཞིག་གིས་རང་སྲེག་ངོ་རྒོལ་བྱས་པ།


ཚེས་༡༨ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་གནང་ཞིང་། སྐབས་དེར་ཉེན་རྟོག་པ་དང་སྤྱི་བདེ་མི་སྣ་ཡོང་ནས་ཁོང་བཙན་ཁྲིད་བྱས་ཡོད། དེ་རིང་འདི་ག་རླུང་འཕྲིན་ཁང་ལ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། པདྨ་རྒྱལ་མཚན་ལགས་ད་ལྟ་གྲེང་ཏུའུ་ཡི་སྨན་ཁང་ཞིག་ཏུ་གཞུང་གི་དོ་དམ་འོག་སྨན་བཅོས་བྱེད་བཞིན་ཡོད་པ་དང་། ནང་མི་གཉིས་ཀྱིས་ནད་གཡོག་ལ་ཡོང་དགོས་པའི་བཀའ་བཏང་ཡོད་པ་སོགས་ཀྱི་གནས་ཚུལ།

XS
SM
MD
LG