ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡའི་རྡུལ་ཕྲན་ཉེན་ཚབས་ལ་རྒྱ་ནག་དང་ཨ་རིའི་ལྟ་ཚུལ།



གཟའ་མཇུག་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀ་ཊི་ལར་སན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་དང་། ཁོང་གིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་། ཕྱི་སྲིད་དྲུང་ཆེ་ཝང་དབྱི་བཅས་ལ་ཐུག་འཕྲད་ཡོད་ཅིང་། ཕྱི་སྲིད་དྲུང་ཆེ་ཊི་ལར་སན་གྱིས་ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ཉེན་ཚབས་ཇེ་ཆེར་འགྲོ་བཞིན་ཡོད། རྒྱ་ནག་དང་ཛ་དྲག་དེ་ཇེ་ཆེར་འགྲོ་བཞིན་པར་ཨ་མི་རི་ཀ་གཉིས་ལྟ་ཚུལ་གཅིག་མཚུངས་ཡིན། ང་ཚོས་བྱང་ཀོ་རི་ཡའི་གཞུང་ལ་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་མཚམས་འཇོག་བྱ་དགོས་པ་དང་། ཁོ་ཚོ་ཞི་བདེའི་ལམ་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན། རྒྱ་ནག་དང་ཨ་མི་རི་ཀ་མཉམ་འབྲེལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོའི་ཉེན་ཀ་འགོག་ཐབས་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཅེས་བཤད་འདུག རྒྱ་ནག་གི་འགོ་ཁྲིད་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་ཞི་བའི་གྲོས་མོལ་བྱ་དགོས་ཟེར་གྱི་ཡོད་རུང་། ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ལངས་ཕྱོགས་ལ་མོས་མཐུན་བྱས་པའི་རྣམ་འགྱུར་གང་ཡང་བསྟན་མེད་པ་དང་། ཁོང་གིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རྣམ་པའི་ལྷན་དུ་སྐོང་བའི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཨ་མི་རི་ཀའི་བཟོད་བསྲན་ངང་སྒུག་གི་སྲིད་ཇུས་ཤིག་ལག་ལེན་བསྟར་པའི་དུས་སྐབས་ཡོལ་ཟིན་པ་ཡིན། ད་ལྟ་ཨ་མི་རི་ཀ་དང་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་གནོན་ཤུགས་དང་བདེ་འཇགས་མཉམ་འབྲེལ། དཔལ་འབྱོར་དང་ཚོང་ལས་བཀག་སྡོམ། དམག་གི་དྲག་རྒོལ་བཅས་ཐབས་ཇུས་སྣ་མང་ཞིག་ལ་བསམ་གཞིག་བྱེད་བཞིན་ཡོད། གལ་སྲིད་ཨ་མི་རི་ཀས་དམག་བརྒྱབ་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཚེ། ང་ཚོས་བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་གདམ་ཀ་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་པ་མ་ཟད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡས་སྤྱོད་ངན་ཁོ་ན་སྤེལ་བཞིན་ཡོད། རྒྱ་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཐབས་སུ་རོགས་ཕན་ཅི་ཡང་བསྒྲུབས་མེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།

XS
SM
MD
LG