ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཚེས་༡༨ཉིན་ཁམས་ཉག་རོང་རྫོང་ལ་པདྨ་རྒྱལ་མཚན་ནས་རང་སྲེག་ངོ་རྒོལ་བྱས་འདུག



དེ་ཡང་སྤྱི་ཟླ་༣ཚེས་༡༨ཉིན་ཉག་རོང་ནས་ཡིན་པའི་བོད་མི་པདྨ་རྒྱལ་མཚན་ཞུ་བ་ཞིག་གིས་རང་སྲེག་ངོ་རྒོལ་བྱས་ཤིང་། སྐབས་དེར་བོད་མི་མང་པོས་མཐོང་ཡོད་པ་དང་། དེ་ནས་ཉེན་རྟོག་དམག་མི་སླེབས་ཏེ་ལམ་སེང་ཁོང་ཁྲིད་ནས་དཀར་མཛེས་རྫོང་སྨན་ཁང་དུ་ཡོད་པ་བརྗོད་མཁན་བྱུང་ཡོད་འདུག་ལ། རང་སྲེག་བྱས་པའི་སྐབས་མི་ཚོས་པར་ལེན་བྱས་ཡོད་ན་ཡང་ས་ཁུལ་དེར་ཡོད་པའི་མི་ཚང་མའི་ཁ་པར་གཞུང་བཞེས་བཏང་བ་དང་བོད་མི་ཁ་ཤས་འཛིན་བཟུང་བྱས་ཡོད་འདུག ད་ལྟའི་ཆར་དགུང་ལོ་༢༤སོན་པའི་པདྨ་རྒྱལ་མཚན་གྱི་འཆི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོག་མེད་པའི་ཐོག་ཁོང་གི་ཕ་མ་དང་ནང་མིར་འབྲེལ་བ་བྱེད་བཅུག་གི་མེད་པ་རེད་འདུག དེའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG