ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྱང་ཀོ་རི་ཡར་དམག་གིས་དྲག་རྒོལ་བྱ་རྒྱུའི་གདམ་ཀར་བསམ་གཞིག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཊི་ལར་སན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཡོད་ཅིང་། ཁོང་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་ཨ་མི་རི་ཀས་ཕྱི་འབྲེལ་ཐབས་ཇུས་དང་གནོན་ཤུགས། བྱང་ཀོ་རི་ཡར་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ། ཨ་མི་རི་ཀས་དམག་གིས་དྲག་རྒོལ་བྱས་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་འཐབ་ཇུས་ཡོད་དོ་ཅོག་ལ་བསམ་གཞིག་བྱེད་བཞིན་ཡོད་ཅེས་བཤད་འདུག དཔེར་ན་ཁོང་གིས་ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གྱི་ལྷན་དུ་གསར་འགོད་པ་ཚོར་བརྗོད་དོན། ངས་རྣམ་པ་ཚོར་གསལ་བོ་བྱས་ནས་བཤད་ཆོག ང་ཚོས་བཟོད་བསྲན་ངང་སྒུག་གི་འཐབ་ཇུས་ཤིག་བསྟེན་པའི་དུས་ཡུན་རྫོགས་ཟིན། ད་ལྟ་ང་ཚོས་ཕྱི་འབྲེལ་དང་བདེ་འཇགས་མཉམ་འབྲེལ། དཔལ་འབྱོར་བཀག་སྡོམ་སོགས་ཀྱི་འཐབ་ཇུས་ཚང་མར་བསམ་གཞིག་བྱེད་བཞིན་ཡོད། ཨ་མི་རི་ཀར་དམག་འཁྲུག་བརྒྱབ་ནས་འཁྲུག་རྩོད་སློང་འདོད་མེད། ཡིན་ནའང་ཚུར་རྒོལ་ལ་དམག་གིས་རྒོལ་ལན་ཚུལ་བཞིན་སློག་རྒྱུ་ཡིན། གལ་སྲིད་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ང་ཚོའི་བདེ་འཇགས་ལ་ཉེན་ཀ་ཅན་ཞིག་ཏུ་གྱུར་པའི་མཚམས་སུ་སླེབས་པ་དང་། ང་ཚོས་དམག་གིས་དྲག་རྒོལ་མ་བྱས་ཐབས་མེད་བྱུང་ན་དམག་གིས་དྲག་རྒོལ་བྱ་དགོས་པའི་གདམ་ག་དེ་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG