ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སི་པེན་གཞུང་གིས་ཐེ་ཝན་གྱི་མི་སེར་མང་པོ་ཞིག་རྒྱ་ནག་ལ་ཕྱིར་འབུད་གཏོང་རྒྱུའི་ཐག་གཅོད།


སི་པེན་གཞུང་གིས་ ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་དོགས་གཞི་བྱ་ཡུལ་ཐེ་ཝན་གྱི་ཡུལ་མི་མང་པོ་ཞིག་ རྒྱ་ནག་སྐམ་སའི་གཞུང་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་པར་ བློ་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་ ཐེ་ཝན་གྱི་ཕྱི་འབྲེལ་ལས་ཁུངས་ཀྱིས་གཟའ་ཉི་མའི་ཉིན་བསྐྱར་བརྗོད་གནང་བ་དང་འབྲེལ་ དེའི་ཐད་ངོ་རྒོལ་བྱ་རྒྱུའི་ཆེད་དུ་ ཐེ་ཝན་གྱི་ནང་ཡོད་པའི་སི་པེན་གཞུང་གི་སྐུ་ཚབ་དོན་གཅོད་ ཐེན་གྱི་ཕྱི་སྲིད་ཁང་དུ་འབོད་འགུག་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG