ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

གསེར་རྟ་རུ་བོད་མི་ཞིག་གིས་༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་བྱས་པ།


འདི་ལོའི་སྤྱི་ཟླ་༡ཚེས་༥ཉིན་བསོད་ནམས་བཀྲ་ཤིས་ཞུ་བ་ཞིག་གིས་གསེར་རྟ་རྫོང་ཐོག་ཏུ་༧ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་པའི་དབང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་ཁོང་ས་གནས་གང་དུ་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད་སྐོར་དཀོན་མཆོག་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་ཞུས་པ་ཞིག་གསན་རོགས་གནང་།

XS
SM
MD
LG