ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ང་ཚོ་བདག་དབང་ཆ་ཚང་ལྡན་པ་ཞིག་ཡིན་ཞེས་ཐེ་ཝན་གྱི་སྐུ་ཚབ་ཚོགས་པའི་དབུ་ཁྲིད་ཀྱིས་བརྗོད་པ།


རྒྱ་གར་གྱི་ནང་འཚམས་འདྲིར་ཕེབས་པའི་ཐེ་ཝན་གྱི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་གི་དབུ་ཁྲིད་ཀྱིས་ རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བའི་རྒྱ་ནག་གཞུང་གི་སྲིད་བྱུས་དེ་ལ་བརྟེན་ནས་ ང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་བཞིན་པ་ཡིན་ནའང་ དཀའ་ངལ་དང་ འགལ་རྐྱེན་དེ་ཚོའི་འོག་ཏུའང་ང་ཚོས་རང་གི་བདག་དབང་དང་ རང་དབང་ལ་གནོད་སྐྱོན་ཡོང་དུ་མ་བཅུག་པར་སྲུང་སྐྱོབ་བྱས་ཡོད་ཅེས་གསུངས་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG