ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲ་རམ་གྱིས་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གླིང་ཕྲན་གསར་རྒྱག་བྱས་པར་སྐྱོན་བརྗོད།


ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་སྐུ་ཞབས་ཌཱོ་ནོལ་ཁྲ་རམ་གྱིས་རྒྱ་ནག་གཞུང་ལ་ ལྷོ་རྒྱ་ནག་རྒྱ་མཚོའི་ནང་སྔར་མེད་པའི་གླིང་ཕྲན་མང་པོ་གསར་རྒྱག་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་ཅིང་ དེ་ཡང་ སྐུ་ཞབས་ཁྲ་རམ་གྱིས་ཏྲུ་ཝི་ཊར་དྲ་རྒྱའི་ཐོག་གནས་ཚུལ་ཞིག་བཀོད་པའི་ནང་ རྒྱ་ནག་གིས་ལྷོ་རྒྱ་མཚོའི་དཀྱིལ་དུ་ གཞི་རྒྱ་ཆེ་བའི་དྲག་པོའི་རྟེན་གཞི་ཞིག་འཛུགས་བསྐྲུན་བྱས་ཡོད་པ་དེ་ང་ཚོར་སྐད་ཆ་འདྲིས་ཏེ་ལག་ལེན་བསྟར་བ་ཞིག་རེད་དམ་ཞེས་ གསུངས་ཡོད་པ་རེད།

XS
SM
MD
LG