ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རང་ཡུལ་གྱི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་དང་། ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་རྣམས་དང་གཞུང་གི་ལས་བྱེད་པ་ཚོས་ལྐོག་ཟ་དང་ཁྲིམས་འགལ་བྱེད་ཀྱི་ཡོད་པ་རྩ་མེད་གཏོང་ཡིན་ཞེས་གསང་བའི་བཀག་ཉར་དང་ཁྲིམས་འགལ་གྱི་མནར་གཅོད་གཏོང་བའི་ཐབས་གཉིས་སྲིད་ཇུས་ཤིག་ལག་ལེན་བསྟར་ཏེ། འདས་པའི་ལོ་ཤས་རིང་རྒྱ་ནག་གི་ཏང་སྲིད་དམག་གི་མཐོ་རིམ་འགོ་ཁྲིད་སྟོང་ཕྲག་འགའ་ཞིག་བཙོན་ཁང་དུ་བཅུག་ནས་ཁྲིམས་གཅོད་བྱས་ཡོད་ཅིང་། གཟའ་འཁོར་འདིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཧོང་ཀོང་མི་དམིགས་བསལ་ས་ཁུལ་དུ་འགྲེམ་སྤེལ་བྱས་པ་ལྟར་ན་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་སུ་གྱུར་པའི་གཞུང་འབྲེལ་མི་སྣ་ཚོ་གསང་བའི་བཀག་ཉར་བྱས་པ་དང་། ཁོ་ཚོར་ཁྲིམས་འགལ་གྱི་རྡུང་རྡེག་བཏང་ནས་ནག་ཉེས་ངོས་ལེན་བྱེད་དུ་འཇུག་གི་ཡོད་རུང་། རྒྱ་ནག་གི་གསང་བའི་བཀག་ཉར་དང་ཁྲིམས་འགལ་གྱི་མནར་གཅོད་བཏང་ནས་མི་ལ་ནག་ཉེས་རྫུན་མ་ངོས་ལེན་བྱེད་དུ་འཇུག་གི་ཡོད་པ་རྣམས་རྒྱུན་ལྡན་གྱི་ཉེས་ཁྲིམས་ཁོངས་སུ་ཚུད་ཀྱི་མེད་པས། ༢༠༡༠་ནས་ཉུང་མཐའ་ཡང་གསང་བའི་བཀག་ཉར་དང་ཁྲིམས་འགལ་གྱི་མནར་གཅོད་ཕོག་པའི་མི་༡༡་ལ་སྲོག་སྐྱོན་བྱུང་འདུག་ཅེས་སྙན་ཐོ་དེར་འཁོད་ཡོད་པ་རེད།།

XS
SM
MD
LG