ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་སྲིད་འཛིན་དང་ཁྲ་རམ་ཞལ་པར་ཐོག་གླེང་མོལ་བྱུང་བར་དགའ་སྟོན་བྱེད་ཀྱི་ཡོད་པ།


ཐེ་ཝན་གྱི་ཕྱི་འབྲེལ་ལས་དོན་ལ་རྒྱ་ནག་གཞུང་གིས་འགོག་རྐྱེན་བཟོས་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར་ ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཱ་འི་ ཨིང་ ཝན་གྱིས་ ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་སྐུ་ཞབས་ཌོ་ནོལ་ཁྲ་རམ་དང་ཞལ་པར་ཐོག་གླེང་མོལ་ཐད་ཀར་གནང་བའི་གནས་ཚུལ་ཞིག་བྱུང་ཡོད་པ་དེ་ནི་ ༡༩༧༩ལོ་ནས་བཟུང་དེ་ དེ་འདྲ་བྱུང་བ་ཐོག་མ་དེ་ཡིན་པས་ ཐེ་ཝན་ལ་ཆ་མཚོན་པ་ཡིན་ན་ ཕྱི་འབྲེལ་གྱི་ཐད་ནས་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྟབས་ ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་རྣམས་ཀྱིས་མངོན་གསལ་མེད་པའི་ཐོག་ནས་དགའ་སྟོན་ཆེན་པོ་བྱེད་པ་དང་དུས་མཚུངས་ ཡང་བློ་འཚབ་ཡང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG