ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱལ་བ་ཀརྨ་པ་མོན་ཡུལ་ལ་ཕེབས་པར་རྒྱ་ནག་གིས་རྒྱ་གར་ལ་སྐྱོན་བརྗོད་བྱས་པ།


དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ལ་ཨ་རུ་ན་ཅལ་ཕྱོགས་གཉིས་ཀྱི་རྩོད་གཞི་ཆེ་བའི་ས་མཚམས་ཤིག་ཡིན་པ་དང་། རྒྱ་གར་གཞུང་གིས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་ཁག་ཐག་མ་ཆོད་གོང་དེར་རྩོད་གཞི་དེ་ཉིད་སྡུག་ཏུ་མི་གཏོང་བའི་རེ་བ་ཡོད། ང་ཚོ་ཕྱོགས་གཉིས་གྲོས་མཐུན་རིམ་པ་ཞིག་བྱུང་ཡོད་པ་ཁག་ལ་རྒྱ་གར་གཞུང་གིས་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་ཅིང་། ཉེ་ཆར་ཕྱི་ཟླ་༡༡་པའི་ཟླ་མཇུག་ནས་ཕྱི་ཟླ་༡༢་པའི་ཚེས་ཤར་བར་དུ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མོན་རྟ་དབང་དང་འབུམ་སྡེ་ལ་བཅས་ས་གནས་ཁག་ལ་དུས་ཡུན་ཉི་མ་བཞིའི་རིང་དུ་གནས་གཟིགས་སུ་ཕེབས་པ་དང་། ལོ་༨༠༠་ཡས་མས་ཤིག་གི་གོང་དུ་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེ་མོན་ལ་ཕེབས་ནས་བཟུང་། ད་ལོ་ཀརྨ་པ་སྐུ་ཕྲེང་༡༧་པ་མོན་ཡུལ་དུ་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། རྒྱལ་བ་ཀརྨ་པས་རྒྱ་གར་གྱི་གསར་འགོད་པ་ཚོར་གསུངས་པ་ལྟར་ན། ཁོང་མོན་ཡུལ་ལ་ཕེབས་ནས་རིས་མེད་དགོན་སྡེ་ཁག་ལ་གནས་གཟིགས་ཐུབ་པ་དང་། ལྷག་པར་ཀམ་ཚང་བཀའ་བརྒྱུད་པའི་དགོན་སྡེ་ཁག་ལ་འབྲེལ་བ་བྱུང་བར་དགྱེས་ཚོར་ཆེན་པོ་བྱུང་། རྒྱ་གར་གཞུང་གིས་གང་ཅིའི་མཐུན་གྱུར་རོགས་རམ་གནང་བར་བཀའ་དྲིན་ཆེ་ཞེས་གསུངས་ཡོད་པ་རེད།།

XS
SM
MD
LG