ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་གར་ལ་དངུལ་ལོར་གྱི་སྲིད་ཇུས་གསར་པས་བོད་པར་དཀའ་ཁག་ཅིག་འཕྲད་བཞིན་པ།


རྒྱ་གར་གཞུང་གིས་དངུལ་ལོར་སྒྱུར་བཅོས་ཀྱི་སྲིད་ཇུས་གསར་པ་ཞིག་ལག་ལེན་བསྟར་གྱི་ཡོད་པས་རྒྱ་གར་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མ་ལག་ལས་ཁུངས་ཁག་དང་བོད་པ་སྒེར་པ་སོགས་ལ་དཀའ་ངལ་གང་འཕྲད་ཀྱི་ཡོད་མེད་སྐོར་འདི་གའི་གསར་འགོད་པ་ཚེ་རིང་དབང་རྒྱལ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྡི་ལི་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་སུ་བཅའ་འདྲི་ཞུས་པའི་སྐབས་སུ་ལས་ཁུངས་དེས་བོད་པ་ཉམ་ཐག་རྣམས་ལ་རོགས་དངུལ་སྤྲོད་རྒྱུར་དངུལ་ཁང་ནས་དངུལ་སྒོར་ལེན་མི་ཐུབ་པ་དང་བོད་ནས་གསར་དུ་འབྱོར་པ་ཚོར་དངུལ་སྒོར་བརྗེ་སྒྱུར་གྱི་དཀའ་ངལ་ཡོད་པ། དེ་བཞན་གཞུང་གི་ཟབ་སྦྱོང་ཁག་ལ་ཞུགས་མཁན་ཚོར་དངུལ་སྒོར་དུས་ཐོག་ཏུ་སྤྲོད་མི་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཤད་ཡོད་པ་རེད།

XS
SM
MD
LG