ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་འགྲོ་གྲོན་ཁོངས་སུ་ཐའེ་ཝན་ཚུད་ཡོད་པར་བློ་འཚབ།


རྒྱ་ནག་གཞུང་གིས་གཟའ་པ་སངས་ཉིན་མོར་ཨ་རིའི་ལོ་རེའི་རྒྱལ་སྲུང་འགྲོ་གྲོན་གྱི་འཆར་རྩིས་ཁོངས་སུ་ཨ་རི་དང་ཐའེ་ཝན་གཉིས་མཐོ་རིམ་གྱི་དམག་དོན་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུ་ཚུད་ཡོད་པ་དེའི་ཐད་ལ་བློ་འཚབ་ཆེན་པོ་ཡོང་གི་ཡོད་ཅེས་བརྗོད་ཡོད་ཅིང་། དེ་ཡང་རོ་ཡེ་ཀྲར་གསར་ཁང་གིས་གནས་ཚུལ་སྤེལ་དོན་བྱས་ན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་བགྲོ་གླེང་དང་འོས་བསྡུ་གནང་རྒྱུའི་རྒྱལ་སྲུང་འཆར་རྩིས་ནང་དུ་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཐའེ་ཝན་དང་མཉམ་དུ་མཐོ་རིམ་དམག་དོན་མི་སྣའི་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་ལས་འཆར་ཁག་ཅིག་ཡོད་པས་རྒྱ་ནག་གཞུང་གིས་ཆགས་ཅན་གྱི་གསར་འགོད་བརྒྱུད་ནས་ཨ་རིིའི་གཞུང་གི་འཆར་གཞི་དེ་ལ་བློ་འཚབ་ཆེན་པོ་ཡོད་ལུགས་དང་ཨ་རིས་རྒྱ་ནག་གཅིག་ལ་ངོས་འཛིན་བྱེད་པའི་སྲིད་ཇུས་རྒྱུན་འཁྱོངས་གནང་དགོས་ཀྱིི་རེད་ཅེས་བརྗོད་པ་མ་ཟད།་འཆར་རྩིས་དེ་ལ་གྲོས་ཚོགས་ཀྱིས་མོས་མཐུན་གནང་བ་ཡིན་རུང་མཐའ་མའི་ཐག་གཅོད་ཕོ་བྲང་དཀར་པོས་གནང་དགོས་ཀྱི་ཡོད་སྟབས་མཇུག་འབྲས་ལ་དགོངས་པ་བཞེས་པའི་རེ་བ་ཡོད་ཅེས་བརྗོད་ཡོད་པ་རེད།།

XS
SM
MD
LG