ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་དང་སོག་ཡུལ། ༧གོང་ས་མཆོག་གི་ཆིབས་སྒྱུར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བདུན་ཕྲག་གཉིས་ཀྱི་གོང་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་ལ་ཆིབས་སྒྱུར་གནང་སྟེ། སོག་པོ་དང་ཆེན་པོ་ཧོར་གྱི་རིགས་སུ་གཏོགས་པའི་དད་ལྡན་པ་མང་ཚོགས་ཁྲི་ཚོ་འགའ་ཞིག་ལ་གསུང་ཆོས་དང་བཀའ་སློབ་གནང་ཡོད་ཅིང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ སོག་པོ་ཚོས་ཀྱང་རང་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལ་བརྩིས་ཏེ་དད་པ་དམ་ཚིག་འགྱུར་བ་མེད་མོད། འོན་ཀྱང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་སོག་ཡུལ་ལ་ཕེབས་རྒྱུ་དེར་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་བྱས་ཏེ། ད་ལྟ་རྒྱ་ནག་གཞུང་གིས་སོག་ཡུལ་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་དངོས་ཟོག་ཁག་ལ་དཔྱ་ཁྲལ་མཐོ་རུ་བཏང་བ་དང་། རྒྱ་ནག་གི་གཞུང་གཉེར་བཟོ་ཚོང་ལས་ཁང་ཞིག་གིས་སོག་ཡུལ་ནས་རྡོ་སོལ་དང་ཟངས་ཀྱི་གཏེར་ཁ། ད་དུང་རིན་པོ་ཆེའི་གཏེར་ཁའི་རིགས་ནང་འདྲེན་བྱེད་ཀྱི་ཡོད་པ་དེར་དཔྱ་ཁྲལ་འཐོལ་པ་ཡོད་པ་རེད།

XS
SM
MD
LG