ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་བོད་ནས་ཕེབས་མཁན་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་བསྩལ་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༡པའི་ཚེས་༣༠ཉིན་མོ་བཞུགས་སྒར་དུ་བོད་ནས་རྒྱ་གར་ནང་གནས་སྐོར་ལ་ཕེབས་པ་ཁག་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་ཞིག་བཀྲིན་བསྩལ་གནང་ཡོད་པ་རེད། ༧གོང་ས་མཆོག་ནས་དེང་སང་རྒྱ་ནག་གཞུང་ནས་བོད་ནས་ཡོང་མཁན་ཚོ་ལ་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་མང་པོ་ཞིག་དུས་འཁོར་དབང་ཆེན་ལ་བསྡད་ཐུབ་ཀྱི་མེད་སྟབས་ཆོས་འབྲེལ་དེ་བཞིན་བསྩལ་བ་ཡིན་ཞེས་དང་མགོན་པོ་གང་ཉིད་ནས་བོད་དེ་རྒྱ་ནག་ནས་ཁ་བྲལ་མ་རྩོད་པར་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་ཀྲུང་ཧཱ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་བསྡད་ནས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་མཛད་ཀྱི་ཡོད་པ་བསྐྱར་བརྗོད་གནང་ཡོད་པ་རེད་ དེའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་སྤེལ་བ་དང་བོད་ནས་ཡོང་མཁན་ཞིག་ལ་བཅར་འདྲི་ཞུས་པའི་སྐབས་དུས་འཁོར་དབང་ཆེན་ཞུ་མ་ཐུབ་པར་ཕྱིར་ལོག་བྱེད་དགོས་པར་བློ་ཕམ་གནང་གི་ཡོད་པ་སོགས་ཀྱི་སྐོར་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG