ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱལ་བ་ཀརྨ་པ་མོན་རྟ་དབང་ལ་ཆིབས་བསྒྱུར་གནང་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་རྒྱལ་བ་ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་ཐེངས་དང་པོ་རྒྱ་གར་གྱི་ས་མཚམས་མངའ་སྡེ་ཨ་རུ་ནལ་ཅལ་ པར་དེཤ་མངའ་སྡེར་ཆིབས་བསྒྱུར་གནང་འདུག དེ་ཡང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་རྒྱ་གར་དབུས་གཞུང་གིས་བཀའ་འཕྲོལ་བརྒྱུད་ཆིབས་བསྒྱུར་གནང་བ་ཞིག་ཡིན་པ་དང་། རྒྱལ་དབང་ཀརྨ་པ་རིན་པོ་ཆེས་ད་ལམ་ཁོང་མོན་རྟ་དབང་དུ་ཆིབས་བསྒྱུར་གནང་ཐུབ་པ་དེར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་རྒྱ་གར་དབུས་ནང་སྲིད་བློན་ཆེན་གཞོན་པ་ཀེ་རན་ ར་ཇུ་གཉིས་ཀྱིས་ཐུགས་འཁུར་ཆེན་པོས་གདན་ཞུ་གནང་བ་དང་། དེར་རྒྱ་གར་དབུས་གཞུང་གིས་མཐུན་འགྱུར་གནང་བ་བཅས་ལ་བརྟེན་ནས་མོན་ཡུལ་རྟ་དབང་དུ་ཆིབས་བསྒྱུར་གནང་ཐུབ་པར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞེས་གསུངས་གནང་འདུག ཨ་རུ་ནལ་ཅལ་ པར་དེཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱལ་བ་ཀརྨ་པ་གཉིས་རྒྱ་གར་གཞུང་གི་གལ་ཆེའི་སྐུ་མགྲོན་ཡིན་པས་གང་དུ་ཕེབས་རང་དབང་ཡིན་པས་དེར་རྒྱ་ནག་གཞུང་གིས་དོན་མེད་སྐད་བཅོར་བརྒྱག་རྒྱུ་མེད་ཅེས་གསུངས་འདུག

མོན་ལ་ཆིབས་སྒྱུར་ཐེངས་དང་པོ།
please wait

No media source currently available

0:00 0:02:22 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG