ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་སོག་ཡུལ་དང་ཉི་ཧོང་ནས་བཞུགས་སྒར་དུ་ཕྱིར་ཕེབས་མཛད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་དང་སོག་ཡུལ་ནང་དུ་ཆིབས་སྒྱུར་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་སྤྱི་ཟླ་༡༡པའི་ཚེས་༢༨ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམ་བསྟན་འཕེལ་མཆོག་གིས་དབུས་པའི་འབྲེལ་ཡོད་མི་སྣང་གནམ་ཐང་དུ་ཆེད་བཅར་གྱིས་ཕེབས་བསུ་ཞུས་ཡོད་པ་མ་ཟད་བཞུགས་སྒར་དུ་ཕེབས་ལམ་གཡས་གཡོན་དུ་མང་ཚོགས་ཚོས་རུ་སྒྲིག་ནས་ཕེབས་བསུ་ཞུས་ཡོད་པ་དང་ཕེབས་བསུ་བ་མང་ཚོགས་ནས་མགོན་པོ་གང་ཉིད་སྐུ་ན་མཐོ་བས་ཆིབས་སྒྱུར་ཐེངས་མང་དེ་ཚོར་བློ་ཚབ་ཡོང་གི་ཡོད་པའི་སེམས་འཚོར་ཡང་གསུང་གི་ཡོད་པ་རེད།

XS
SM
MD
LG