ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་སྤྱི་ཡོངས་དམག་དོན་བདེ་འཇགས་མཉམ་འབྲེལ་ཞེས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དང་། དེང་སྐབས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་བཏང་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་བདེ་འཇགས་ལ་ཉེན་ཀ་འཕྲད་ཀྱི་ཡོད་པར་གདོང་ལེན་ཇི་ལྟར་བྱ་དགོས་མིན་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། ལྷོ་ཀོ་རི་ཡའི་མི་མང་གི་གྲས་སུ་ད་དུང་ཡང་ཉི་ཧོང་ལ་ལོ་རྒྱུས་ཀྱི་ཞེ་འཁོན་བཅངས་ཡོད་པ་གང་མང་ཞིག་ཡོད་པ་དང་། ཁོ་ཚོས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དམག་དོན་མཉམ་འབྲེལ་གྲོས་མཐུན་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། སྤྱི་ཡོངས་དམག་དོན་བདེ་འཇགས་མཉམ་འབྲེལ་གྱི་གྲོས་མཐུན་ཁོངས་སུ་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡོད་པའི་དམག་དོན་གསང་བའི་གནས་ཚུལ་ཕན་ཚུན་སྤྲོད་ལེན་བྱ་རྒྱུ། བྱང་ཀོ་རི་ཡའི་ཚུར་རྒོལ་གྱི་ཉེན་ཀར་ཕྱོགས་གཉིས་ཀས་མཉམ་དུ་འགོག་རྒོལ་བྱ་དགོས་པ་དང་། ད་སྔ་ཕན་ཆད་ལ་ཨ་མི་རི་ཀ་བརྒྱུད་ནས་ལྷོ་ཀོ་རི་ཡ་དང་ཉི་ཧོང་གཉིས་ཀྱིས་བྱང་ཀོ་རི་ཡར་འབྲེལ་བ་ཡོད་པའི་དམག་དོན་གསང་བའི་གནས་ཚུལ་ཕན་ཚུན་སྤྲོད་ལེན་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG