ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་འདེམས་ཐོན་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་ཟླ་བ་མང་པོར་ཎིའུ་ཡོཀ་དུས་བབ་ཚགས་པར་དྲང་པོ་མེད་པ་དང་། ཁོང་གིས་མ་འོངས་པར་ཎིའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པ་ཚོར་སྐད་ཆ་བཤད་རྒྱུ་མིན་ཞེས་ཁ་ཕོ་ཆེན་པོ་འཐེན་རུང་། ཁ་སང་གཟའ་མིག་དམར་ཉིན་ཌོ་ནལ་ཊམ་ཨ་མི་རི་ཀའི་ཎིའུ་ཡོཀ་དུས་བབ་ཚགས་པར་གྱི་ལས་ཁུངས་ལ་ཕེབས་ཏེ། ཁོང་གིས་ཎིའུ་ཡོཀ་དུས་བབ་ཀྱི་གསར་འགོད་པ་ཚོར་གནད་དོན་ཁག་གི་སྐོར་ལ་གླེང་མོལ་བྱས་ཡོད་ཅིང་། དཔེར་ན་ཌོ་ནོལ་ཁྲ་རམ་གྱིས་འོས་འདེམས་ལས་འགུལ་སྐབས་སུ་ཨ་མི་རི་ཀ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ད་ལྟ་ཌོ་ནོལ་ཁྲ་རམ་གྱིས་འཛམ་གླིང་གི་གཤམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པའི་རྒྱུ་རྐྱེན་ཁག་ཅིག་འགྲོ་བ་མིའི་བྱེད་ལས་ལ་འབྲེལ་བ་འདུག ཨ་མི་རི་ཀ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཆིངས་ཡིག་ཁོངས་ནས་ཕྱིར་འཐེན་བྱ་དགོས་མིན་ཐག་གཅོད་གང་ཡང་བྱས་མེད་ཅེས་བཤད་པ་དང་། ༢༠༡༥་ལོར་ཧྥ་རི་སིའི་རྒྱལ་ས་ཕེ་རི་སི་ལ་རྒྱལ་ཁབ་༢༠༠་ལྷག་གི་སྐུ་ཚབ་རྣམས་ལྷན་འཛོམས་བྱས་ཏེ། འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་བཟོ་གྲྭ་དང་རྡོ་སོལ། རླངས་འཁོར་གྱི་དུ་བ་ནག་པོ་སོགས་འབྲེལ་བ་འདུག ཨ་མི་རི་ཀ་དང་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག ལྷག་པར་དུ་རྒྱ་དཀར་ནག་སོགས་འཛམ་གླིང་གི་བཟོ་ལས་ཅན་དུ་འགྱུར་བཞིན་པའི་རྒྱལ་ཁབ་ཁག་གིས་འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་བྱ་དགོས་ཞེས་གྲོས་མཐུན་བཞག་ཡོད་པ་རེད།།

XS
SM
MD
LG