ངོ་འཕྲད་བདེ་བའི་དྲ་འབྲེལ།

བཞུགས་སྒར་དུ་བཙན་བྱོལ་བོད་མིའི་འདུ་སྡོད་ས་གནས་ཁག་ ༣༧ ཙམ་ནས་སྨན་ཁང་ཁག་གི་འགན་འཛིན་དང་སྨན་ཞབས་པ་དེ་བཞིན་ས་གནས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་དང་འབྲེལ་ཡོད་ལས་བྱེད་བཅས་ཁྱོན་མི་༤༡ ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྐོར་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད་ཟབ་སྦྱོང་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་དངོས་གཞི་ལག་བསྟར་དེ་ཕྱི་ལོ་ ༢༠༡༢ ལོར་དབུ་འཛུགས་གནང་བའི་རྗེས་འདས་པའི་ལོ་བཞི་ལྷག་ནང་ཉམས་མྱོང་ཐོག་ནས་ལོ་རེར་ལས་གཞིར་འགྱུར་བ་གང་དགོས་སོགས་ཀྱི་ཐད་ལ་ཟབ་སྦྱོང་དེ་ལྟ་བུ་གོ་སྒྲིག་ཞུས་ནས་བགྲོ་གླེང་ཞུ་བཞིན་ཡོད་པའི་འགྲེལ་བརྗོད་གནང་འདུག

XS
SM
MD
LG