ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབར་མའི་མཐའ་མཚམས་ཀྱི་གྱེན་ལོག་པའི་ཟིང་འཁྲུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་གཟའ་ཉི་མའི་སྔ་དྲོར་འབར་མའི་བྱང་ཕྱོགས་ཀྱི་མུ་སེ་དང་ཁུཏ་ཁེ་གྲོང་རྡལ་གཉིས་ཀྱི་འབར་མའི་དམག་སྒར་ཁག་དང་ས་གནས་དེ་དག་གི་ཉེན་རྟོག་པའི་ལས་ཁུངས་ཁག་ལ་མཚོན་ཆ་ཐོགས་པའི་གྱེན་ལོག་པའི་ཤོག་ཀག་གསུམ་གྱིས་མཉམ་དུ་རྒོལ་རྡུང་བྱས་ཏེ། རྒྱ་ནག་གཞུང་གིས་འབར་མའི་མཐའ་མཚམས་ཀྱི་མི་དམངས་བཅིངས་འགྲོལ་དམག་ལ་ཟིང་འཁྲུག་དེར་དོགས་ཟོན་བྱ་དགོས་པའི་བཀའ་བཏང་ཡོད་པ་ཅིང་། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་གསལ་བོ་མ་བཤད་ཀྱང་འབར་མའི་མི་དམངས་དཀྱུས་མ་དང་དམག་ལ་འཆི་རྨས་ཀྱི་གནོད་འཚེ་ཚབས་ཆེན་ཕོག་འདུག་ཅེས་གསར་འགྱུར་སྤེལ་འདུག རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་དྲ་རྒྱའི་ནང་དུ་མི་དམངས་བཅིངས་འགྲོལ་དམག་གིས་རྒྱལ་ཁབ་ཀྱི་བདག་དང་བདེ་འཇགས། འབར་མའི་མཐའ་མཚམས་སུ་འཚོ་གནས་བྱེད་བཞིན་ཡོད་པའི་རྒྱ་ནག་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་དངོས་བཅས་ལ་སྲུང་སྐྱོབ་བྱ་དགོས་པའི་གྲ་སྒྲིག་བྱོས་ཞེས་བཀའ་བཏང་ཡོད་པ་དང་། རྒྱ་ནག་གིས་གནས་སྐབས་རིང་འབར་མ་ནས་བྲོས་བཅོལ་དུ་ཡོང་བའི་སྐྱབས་བཅོལ་བ་ཁག་ཅིག་ལ་བདག་པོ་བརྒྱབ་སྟེ། འབར་མར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་འཐབ་འཁྲུག་ལ་ཞུགས་པའི་ཤོག་ཁག་དེ་ཚོས་འཕྲལ་དུ་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་རེད།།

XS
SM
MD
LG