ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཁྲ་རམ་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ནི་ང་ཚོས་རྫུན་བཟོ་བྱས་པ་ཞིག་མིན་ཞེས་བརྗོད་པ།


ཨ་མི་རི་ཀའི་འགྲན་སྡུར་བྱེད་པའི་ནུས་པ་ཆུང་དུ་གཏོང་རྒྱུའི་ཆེད་དུ་ རྒྱ་ནག་གིས་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཞེས་པ་འདི་རྫུན་བཟོ་བྱས་པ་རེད་ཟེར་བ་དེ་ནི་ བདེན་པ་གཏན་ནས་མིན་པ་དང་ དེ་ལྟར་མིན་པའི་རྒྱུ་མཚན་གཙོ་བོ་ནི་ གནམ་གཤིས་ལ་འགྱུར་བ་འགྲོ་གི་ཡོད་པའི་དཀའ་ངལ་གྱི་གནད་དོན་འདིའི་ཐད་ རྒྱལ་སྤྱིའི་རང་བཞིན་གྱི་གྲོས་མོལ་ཐོག་མར་ནི་༡༩༨༠གྱ་གྲངས་ཀྱི་ནང་བྱེད་འགོ་ཚུགས་ཡོད་པ་དང་ དེ་ཡང་ ད་ལྟ་རྒྱ་ནག་ལ་དེ་འདྲའི་སྐྱོན་འཛུགས་བྱེད་མཁན་ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བ་ཌཱོ་ནཱལྜ་ ཊཱི་རམ་རང་གི་སྲིད་དོན་ཚོགས་པ་ སྤྱི་མཐུན་ཚོགས་ཁོངས་ཡིན་པའི་སྐབས་དེའི་ཨ་མི་རི་ཀའི་སྲིད་འཛིན་རིམ་པས་སྣེ་ཁྲིད་དང་འགོ་འཛུགས་བྱས་པ་ཞིག་རེད་ཅེས་ རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལུའུ་ ཀྲན་མིན་གྱིས་གཟའ་ལྷག་པའི་ཉིན་ རྒྱལ་ཚོགས་ཀྱི་ཚོགས་འདུ་ཞིག་གི་ཐོག་བརྗོད་ཡོད་པ་རེད།

XS
SM
MD
LG