ངོ་འཕྲད་བདེ་བའི་དྲ་འབྲེལ།

ད་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཊོ་ནོར་ཁྲ་རམ་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སྟེ། ཨ་མི་རི་ཀས་སྔར་བཞིན་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ལ་འགན་ཁུར་ལེན་རྒྱུ་ཡིན་མིན་ངེས་གཏན་མེད་པར་གྱུར་པ་དང་། ལྷག་པར་དུ་གྱིས་ལྷོ་ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱིས་རང་གི་རྒྱལ་སྲུང་ལ་འགྲོ་གྲོན་མང་ཙམ་གཏོང་དགོས། ཉི་ཧོང་དང་ལྷོ་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱས་ནས་བྱང་ཀོ་རི་ཡའི་ཚུར་རྒོལ་འགོག་ཐབས་བྱས་ན་དགེ་མཚན་ཆེ་ཞེས་གཏམ་བཤད་བྱས་ཡོད་ཅིང་། དེར་བརྟེན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོར་ཨ་མི་རི་ཀས་ཨེ་ཤི་ཡར་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཐེབས་སྲིད་པའི་བློ་འཚབ་ཆེན་པོ་ཡོད་པ་དང་། བདུན་ཕྲག་འདིར་ལྷོ་ཀོ་རི་ཡའི་སྐུ་ཚབ་ཚོགས་པ་ཞིག་ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་ལ་ཕེབས་ཏེ། ཁོ་ཚོས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཊོ་ནོར་ཁྲ་རམ་གྱི་བར་བརྒལ་རུ་ཁག་གི་མཐོ་རིམ་ལས་སྣེ་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་དང་། ལྷོ་ཀོ་རི་ཡའི་རྒྱལ་ཡོངས་བདེ་འཇགས་སྲུང་སྐྱོབ་ཁང་གི་འགན་འཛིན་གཞོན་པས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ང་ཚོས་དང་པོར་དེར་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཛའ་འབྲེལ་འདི་ཕྱོགས་གཉིས་ཀར་གནད་འགག་ཆེན་པོ་ཡིན་པ་དང་ཕྱོགས་གཉིས་ཀའི་དགོས་དོན་འགྲུབ་པའི་འབྲེལ་བ་ཞིག་ཡིན་པ་ངོས་ཟིན་དུ་འཇུག་གི་ཡིན། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་པའི་ཛ་དྲག་ལ་གཞིགས་ན་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་སྔར་ལས་ལྷག་པའི་མཉམ་འབྲེལ་དམ་ཟབ་བྱ་དགོས་པའི་དུས་ལ་བབས་ཡོད། ང་ཚོས་ཐུན་མོང་གི་སྲིད་ཇུས་ཤིག་བཟུང་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ཐག་གཅོད་བྱ་དགོས་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG