ངོ་འཕྲད་བདེ་བའི་དྲ་འབྲེལ།

ཉི་ཧོང་གི་སྲིད་བློན་དང་ཌོ་ནོལ་ཁྲ་རམ་གྱི་ཐུག་འཕྲད།


ཉི་ཧོང་གི་སྲིད་བློན་ཤཱི་ཟོ་ཨ་བྷེས་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་གཞན་པ་སུ་ལའང་ཐུག་འཕྲད་མ་བྱས་གོང་། ང་ཁོང་ལ་སྔོན་དུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་འདིར་དགའ་ཚོར་ཆེན་པོ་བྱུང་ཡོད། ཉི་ཧོང་དང་ཨ་མི་རི་ཀའི་མཛའ་འབྲེལ་ནི་ཉི་ཧོང་གི་ཕྱི་སྲིད་ཀྱི་རྩ་བར་ཐུག་ཡོད། ང་ཚོ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཚོ་ཕན་ཚུན་ཡིད་ཆེས་འཕེར་ན་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཡང་བརྟན་པོ་ཆགས་ཐུབ། དེར་བརྟེན་ངས་སྐུ་ཞབས་ཊམ་ལ་ཡིད་ཆེས་འཕེར་པའི་འབྲེལ་བ་ཞིག་འཛུགས་འདོད་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་འདུག ད་ལོའི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་སྐབས་སུ་ཌོ་ནོལ་ཁྲ་རམ་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཡོད་པའི་ཨ་མི་རི་ཀའི་དམག་རྣམས་ཕྱིར་འཐེན་བྱ་རྒྱུ་དང་། ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ལ་རང་གི་རྒྱལ་སྲུང་འགྲོ་གྲོན་མང་ཙམ་གཏོང་དུ་འཇུག་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས་ནས་བཟུང་། ཉི་ཧོང་དང་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོར་ཌོ་ནོལ་ཁྲ་རམ་གྱིས་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འཛིན་པའི་སྲིད་ཇུས་དེར་འགྱུར་བ་གཏོང་སྲིད་པའི་བློ་འཚབ་ཡོང་གི་ཡོད་པ་རེད།

XS
SM
MD
LG