ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་སྲིད་གཞུང་གསར་པའི་བློན་ཆེན་བསྐོ་གཞག་ལ་རྩོད་གཞི་ཡོང་བཞིན་པ།


ཨ་རིའི་སྲིད་འཛིན་ལ་འོས་འདེམས་བྱུང་བའི་སྐུ་ཞབས་ཌོལ་ནོལ་ཁྲ་རམ་སྲིད་གཞུང་གསར་པའི་གནས་ཡོད་བློན་ཆེན་བསྐོ་གཞག་གི་ལས་དོན་དབུ་འཛུགས་གནང་ཡོད་པ་དང་ ནང་མོལ་དེ་ཚོའི་སྐབས་སུ་རྩོད་གཞི་ཡོང་བཞིན་པ་གསར་འགྱུར་ཁག་གིས་གནས་ཚུལ་སྤེལ་གྱི་ཡོད་ནའང་སྐུ་ཞབས་ཌོལ་ནོལ་ཁྲ་རམ་གྱིས་ཁྲུའུ་ཌ་དྲ་རྒྱ་ཐོག་ལ་གཟའ་མིག་དམར་ཉིན་མོ་གཞུང་འཛིན་བཀག་ཤག་ལྷན་ཁང་དང་གནས་ཡོད་ཀྱི་གོ་གནས་གཞན་ཁག་གི་མི་བསྐོ་གཞག་གི་ལས་དོན་ཁག་སྒྲིག་འཛུགས་དང་ལྡན་པའི་ཐོག་ནས་འགྲོ་བཞིན་པ་དང་མཐའ་མའི་མི་འགྲོ་གཏན་འཁེལ་སུ་ཡོང་མིན་དེ་ངས་མ་གཏོགས་ཤེས་ཀྱི་མ་རེད་ཅེས་བྲིས་གནང་ཡོད་པ་རེད།

XS
SM
MD
LG